66276

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་ལྷའི་ཚེ་ཚད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་ལྷའི་ཚེ་ཚད་ཡོད་དེ། མི་ལོ་ལྔ་བཅུ་ལ་འདོད་ལྷ་རྣམས་ཀྱི་འོག་མ་རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད། དེའི་གོང་མ་རྣམས་ཉིན་ཞག་དང་། ལོ་གཉིས་ཀ་ཉིས་བསྒྱུར་དུ་བསྐྱེད་ནས་རིམ་པ་བཞིན་དུ་རང་ལོ་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་ཐུབ་པ་ནས་གཞན་འཕྲུལ་དབང་བྱེད་པས་རང་ལོ་ཁྲི་དྲུག་སྟོང་ཐུབ་པའི་བར་ཡིན་པའི་ཕྱིར། ཞར་ལ་ལྷ་མ་ཡིན་གྱི་ཚེ་ཚད་བཤད་པ་ནི། ལྷ་མིན་གྱི་དབང་པོ་སྒྲ་ཅན་གྱིས་མི་ལོ་ལྔ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་སྟོང་ཐུབ། མགུལ་ཕྲེང་དང་། བརྟན་པས་མི་ལོ་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་དྲུག་སྟོང་ཐུབ། མེ་ཏོག་ཕྲེང་གིས་མི་ལོ་བདུན་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་བདུན་སྟོང་ཐུབ་པར་དྲན་པ་ཉེར་གཞག་ལས་གསུངས་སོ། །
Domain ཆོས་ལུགས།