66294
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདོད་པའི་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་དེ་ལས་ནི་བཞི་འབྱུང་སྟེ་རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་དག་གོ །གོང་མའི་སེམས་དྲུག་དང་ཟག་མེད་གཉིས་ནི་མི་འབྱུང་སྟེ། མི་དགེ་བ་སྙོམས་པར་འཇུག་སེམས་མ་ཡིན་པ་དང་། མི་དགེ་བ་ལས་གོང་མར་ཉིང་མཚམས་སྦྱོར་བ་མི་སྲིད་པ་དང་། རྒྱུན་མི་གཅིག་པ་དང་། ས་མི་མཚུངས་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |