From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉེན་པོ་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ མཐོང་བའི་ལམ་ལ་དེ་བཞིན་ཉིད་ལ་སོགས་པ་དང་རྨི་ལམ་ལ་སོགས་པ་གཟུང་བྱ་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་བཟུང་བའི་རྟོག་པ། །དེ་རྣམས་རང་བཞིན་སྟོང་པ་ཉིད་རྟོགས་པ་གཉེན་པོ། ། ༢ སྦྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་གཉེན་པོའི་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་བཟུང་བའི་རྣམ་རྟོག་གོ་དེ་རྣམས་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་མི་དམིགས་པ་གཉེན་པོ། ། ༣ དགྲ་བཅོམ་པ་ལ་སོགས་པ་གང་ཟག་གི་རྫས་ལ་ཉེ་བར་དམིགས་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། །དེ་བཞིན་དུ་མི་དམིགས་པ་གཉེན་པོའོ། ། ༤ མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་ཉེ་བར་དམིགས་པ་ནི་འཛིན་པའི་རྣམ་རྟོག་གོ །དེ་བཞིན་དུ་མི་དམིགས་པ་གཉེན་པོའོ། ། ༥ བསྒོམ་པའི་ལམ་ལ། ཆོས་ཐམས་ཅད་མི་གནས་པའི་སྦྱོར་བས་གནས་པ་མ་ཡིན་མི་གནས་པ་མ་ཡིན་བཟུང་བའི་དངོས་པོ་རྣམས་མི་དམིགས་པ་གཉེན་པོའོ། ། ༦ སྦྱིན་པ་ལ་སོགས་པ་གཉེན་པོའི་དངོས་པོ་རྣམས་མི་དམིགས་པ་གཉེན་པོའོ། ། ༧ རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་གི་རྫས་རྣམས་མི་དམིགས་པ་གཉེན་པོའོ། ། ༨ རྒྱུན་དུ་ཞུགས་པ་ལ་སོགས་པ་གང་ཟག་བཏགས་པའི་རྟེན་རྣམས་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་མི་དམིགས་པ་གཉེན་པོ་ཞེས་པའོ། །
|
| Domain
|
ཆོས་ལུགས།
|
གཉེན་པོ་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། གཉེན་པོ་བརྒྱད་ནི། བསམ་གཏན་མི་འགྲུབ་པའི་ཉེས་པ་ལྔ་སྤོང་བྱེད་ཀྱི་གཉེན་པོ་སྟེ། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དོ། །
|