66300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་སེམས་མ་བསྒྲིབས་ལུང་མ་བསྟན་ལས་འབྱུང་བའི་སེམས་བདུན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་དེ་ལས་ནི་མཇུག་ཐོགས་སུ་སེམས་བདུན་འབྱུང་བ་ཡིན་ནོ། །འདི་ལྟར་རྒྱུན་དང་ས་མཚུངས་པ་ན་རང་གི་ས་བ་བཞི་དང་། སྤྲུལ་པ་ལས་ལྡང་བ་ན་བསམ་གཏན་ལ་མ་ཞུགས་པར་སྤྲུལ་སེམས་ལས་ལྡང་བ་མེད་པས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། འདོད་པ་ནས་ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བ་ན་འདི་དག་ལ་གནས་པ་ལ་འཆི་བ་དང་ཤི་ནས་གོང་དུ་སྐྱེ་བ་སྲིད་པས་འདོད་པའི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་གཉིས་ལས་ཁམས་གོང་མ་དེ་དག་གི་བསྒྲིབས་པ་གཉིས་འབྱུང་བའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།