66305

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་སེམས་མི་དགེ་བའི་འཁོར་གྱི་སེམས་བྱུང་ཉི་ཤུ་རྩ་གཅིག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་ཁམས་ན་སྤྱོད་པའི་མི་དགེ་བའི་གཙོ་སེམས་ཀྱི་འཁོར་དུ་སེམས་ལས་བྱུང་བ་ཉི་ཤུ་རྩ་གཅིག་སྟེ། ས་མང་པོ་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། མི་དགེ་བའི་རྩ་བའི་ས་མང་པོ་པ་གཉིས་དང་། རྟོག་པ་དང་དཔྱོད་པ་སྟེ་ཉི་ཤུ་དང་། དེའི་སྟེང་དུ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་བཞི་ལས་གང་རུང་དང་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ལས་གང་ཡང་རུང་བ་དང་ལྡན་པའི་སེམས་དང་ཡང་ན་འགྱོད་པ་མི་དགེ་བ་དང་མཚུངས་པར་ལྡན་པའི་སེམས་ལ་དེ་དག་ལས་རེ་རེ་བསྣན་པས་ཉེར་གཅིག་འབྱུང་ངོ་། །
Domain ཆོས་ལུགས།