66306
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདོད་པའི་ཁམས་ན་མི་དགེ་བའི་སེམས་ལ་ནི་མ་འདྲེས་པ་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང། འཇིག་ཚོགས་དང་མཐར་འཛིན་ལས་གཞན་པ་ལོག་ལྟ་ལ་སོགས་པ་ལྟ་བ་གསུམ་དང་མཚུངས་པར་ལྡན་པ་ལའང་སེམས་ལས་བྱུང་བ་ཉི་ཤུ་འབྱུང་སྟེ། ས་མང་པོ་བ་བཅུ་དང་། ཉོན་མོངས་པའི་ས་བ་དྲུག་དང་། མི་དགེ་བ་གཉིས་དང་། རྟོག་དཔྱོད་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་དང་། མ་རིག་པ་རང་ཉིད་ནི་ཉོན་མོངས་པའི་སར་བགྲངས་ཤིང་། ལྟ་བ་ནི་ཤེས་རབ་ཀྱིས་བསྡུས་པས་རྫས་གཞན་དུ་མེད་ལ། དགེ་བའི་ས་བ་རྣམས་མི་སྲིད་པའི་ཕྱིར་རོ། །འདིར་འདྲེས་པ་ནི་རྩ་ཉོན་གཞན་དང་ཡང་མཚུངས་པར་ལྡན་པ་ཡིན་ལ། མ་འདྲེས་པ་ནི་རྩ་ཉོན་མ་རིག་པ་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ཏེ། འགྲེལ་བ་ལས། མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལ་མ་རིག་པ་འབའ་ཞིག་ཡོད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་མེད་པའོ་ཞེས་བཤད་པའི་ཕྱིར་རོ། །སེམས་མི་དགེ་བ་ལྟ་བ་དང་ལྡན་པ་ནི་འཇིག་ཚོགས་དང་མཐར་འཛིན་ལས་གཞན་པའི་ལྟ་བ་གསུམ་དང་མཚུངས་པར་ལྡན་པ་ཡིན་ཏེ། དེ་གཉིས་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་བཞི་དང་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་ཆུང་ངུའི་ས་བ་རྣམས་དང་། འགྱོད་པ་མི་དགེ་བ་དང་མཚུངས་པར་ལྡན་པའི་སེམས་ལ་ནི་ཉི་ཤུ་རྩ་གཅིག་འབྱུང་སྟེ། སྔར་སྨོས་པའི་ཉི་ཤུ་དང་། འདོད་ཆགས་ལ་སོགས་པ་རེ་རེ་བསྣན་པའི་ཕྱིར་དང་། འདོད་ཆགས་དང་མཚུངས་པར་ལྡན་པ་ནི་མ་རིག་པ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་ཁོང་ཁྲོ་ལ་སོགས་པ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་དང་། ཁོང་ཁྲོ་དང་མཚུངས་པར་ལྡན་པའང་མ་རིག་པ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གཞན་དང་མཚུངས་པར་མི་ལྡན་ལ། ཁྲོ་བ་ལ་སོགས་པའང་མ་རིག་པ་ཙམ་དང་མཚུངས་པར་ལྡན་གྱི་རྩ་ཉོན་གཞན་དང་དེ་དག་ནང་ཡང་ཕན་ཚུན་མཚུངས་པར་མི་ལྡན་པའི་ཕྱིར་དང་། མ་རིག་པ་ནི་ཉོན་མོངས་པའི་ས་བར་བགྲངས་ཟིན་པའི་ཕྱིར་རོ། །གཉིད་དང་འགྱོད་པ་རེས་འགའ་འབྱུང་ཡང་མ་ངེས་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |