66317

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོན་ (1)
Part of speech བྱ་ཚིག
Definition གཞི་ནས་མེད་པར་བྱེད་པའམ་འགོག་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [གདོན།, སྡུག་བསྔལ་གྱི་རྩ་བ་གདོན་པར་བྱ་དགོས།]
Present [འདོན།, སྡུག་བསྔལ་གྱི་རྩ་བ་འདོན་བྱེད་ཤེས་རབ་ཡིན།]
Past [བཏོན།, སྡུག་བསྔལ་གྱི་རྩ་བ་དྲུང་ནས་བཏོན་ཟིན།]
Imperative [ཐོན།, སྡུག་བསྔལ་གྱི་རྩ་བ་ཐོན་པར་གྱིས་ལྟ་བུ།]
འདོན་ (2)
Part of speech བྱ་ཚིག
Definition དམིགས་སུ་བཀར་བའམ་ལོགས་སུ་འབྱེད་པའི་དོན།
Keyword True
Future [གདོན།, མཛོད་ཁང་ནས་ལོགས་སུ་གདོན་བྱའི་གྲོ་ནས།]
Present [འདོན།, ད་སྐབས་འབྲུ་ནས་སོ་སོར་འདོན་བཞིན་ཡོད།]
Past [བཏོན།, བང་མཛོད་ཀྱི་འབྲུ་ནོར་སོ་སོར་བཏོན་ཟིན།]
Imperative [ཐོན།, འབྲུ་ནོར་སོ་སོར་ཐོན་ཞིག་ལྟ་བུ།]
འདོན་ (3)
Part of speech བྱ་ཚིག
Definition གསེང་ངམ་གཏིང་ནས་འབྱིན་པའི་དོན།
Keyword True
Future [གདོན།, རོལ་དབྱངས་དང་འགྲོགས་སྒྲའི་ཉམས་གདོན་དགོས།]
Present [འདོན།, སྐད་ངག་འདོན་བཞིན་བྲོ་འཁྲབ།]
Past [བཏོན།, དབྱངས་སྙན་པོ་བཏོན་པས་གླུ་བའི་མཚན་སྙན་ཐོབ།]
Imperative [ཐོན།, དབྱངས་སྙན་མོ་ཐོན་པར་གྱིས་ལྟ་བུ།]
འདོན་ (4)
Part of speech བྱ་ཚིག
Definition དཔེ་ཆ་ཀློག་པའི་དོན།
Keyword True
Future [གདོན།, གདོན་བྱའི་དཔེ་ཆ།]
Present [འདོན།, དཔེ་ཆ་འདོན་བཞིན་ཁྲོམ་ལ་བལྟས།]
Past [བཏོན།, ཞལ་འདོན་བཏོན་ནས་ངལ་གསོ་བྱས།]
Imperative [ཐོན།, ཞལ་འདོན་ཐོན་ལྟ་བུ།]
འདོན་ (1)
Part of speech མིང་ཚིག
Definition དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས་ཁྲལ་རྟེན་ས་ཁྱོན་གྱི་ཚད་གཞི་ཞིག་སྟེ། འདོན་རེའི་ཚད་ཆེ་ཆུང་ངེས་གཏན་མེད་ཅིང༌། འདོན་ཆེ་བར་སོན་ཁལ་བརྒྱ་ལྷག་ཙམ་གྱི་ས་ཞིང་ཡོད་ལ། ཆུང་བར་སོན་ཁལ་ཉི་ཤུ་སུམ་ཅུའི་ས་ལས་མེད། འདོན་གྲངས་ལ་གཞིགས་ནས་ས་བོགས་དང༌། དམག་ཁྲལ། རྟ་ཁལ་གྱི་ཁྲལ་སོགས་གང་འཚམས་རེ་རྒྱུག་དགོས། འདོན་རེར་རྐང་གཉིས་རེའམ་བཞི་རེ་ཡོད།
Domain འཛིན་སྐྱོང་།