66338
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགུ་མིག་ལྔའི་ཡ་གྱལ་རྐྱང་པའི་དགུ་མིག་གི་ནང་གསེས་ཤིག་སྟེ། བརྩི་བྱ་དག་ལོ་གྲངས་ཀྱི་ཆ་ནས་དགུ་ཚན་གང་རུང་ཞིག་ཏུ་ཚུད་པ་དེ། དུར་མིག་ལྟ་བུ་ངན་པ་གཞན་ཞིག་ཏུ་ཚུད་པ་དང་འདོམ་པའི་དགུ་མིག་ལ་ཟེར་བ་ཡིན། དེ་ལ་ཡང་འདོམ་པའི་ངན་པ་གང་ཡིན་གྱི་ཁྱད་པར་གྱིས་དགུ་མིག་དུར་སྡོད་དང་། དགུ་མིག་ཕུར་གྱིས་འདེབས་པ། དགུ་མིག་ཕྱིང་ཐུམ་བྱེད་པ། དགུ་དུར་གཉིས་འཛོམས་བཅས་ནང་གསེས་ཀྱི་དབྱེ་བ་བཞི་ཡོད། |
| Domain | རྩིས་རིག |