6636
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། སྤང་བྱ་སྤོང་ཚུལ་བཞིའི་ཐ་མ་སྟེ། ཕྲ་རྒྱས་མཐའ་དག་གཉེན་པོ་སྐྱེས་པས་ཟད་པར་བྱ་བ་ཡིན་ཡང་སྤང་བྱ་སྤོང་ཚུལ་སྔ་མ་གསུམ་དུ་མ་གཏོགས་པ་རྣམས་འདིར་བསྡུས་ཏེ། དཔེར་ན་སྒོམ་སྤང་ལྟ་བུ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། བཞི་པ་གཉེན་པོ་སྐྱེས་པས་སྤོང་བ་ནི། སྒོམ་སྤང་ཕྲ་རྒྱས་རྣམས་ཏེ། དེ་དག་ནི་ས་རེ་རེའི་ཉོན་མོངས་ལ་ཆེ་འབྲིང་ཆུང་ངུ་དགུར་བྱས་ཏེ། ཆེན་པོའི་ཆེན་པོ་ལ་སོགས་པའི་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པ་སྐྱེས་པས་ཟད་ཅིང་སྤངས་པར་འགྱུར་བ་ལས། དམིགས་པ་ཡོངས་སུ་ཤེས་པ་ཙམ་གྱིས་སྤོང་མི་ནུས་ཏེ། མཐོང་ལམ་གྱི་གནས་སྐབས་སུ་དམིགས་པ་བདེན་བཞིའི་གནས་ཚུལ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ཀྱང་སྒོམ་སྤང་སྤོང་མི་ནུས་པའི་ཕྱིར་དང༌། དེ་བཞིན་དུ། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་པ་ལྟར། སྒོམ་སྤང་ཕྱི་མ་ཕྱི་མ་ལ་དམིགས་པའི་ཡུལ་ཅན་སྒོམ་སྤང་སྔ་མ་སྔ་མ་སྤངས་ཀྱང༌། ཕྱི་མ་ཕྱི་མའི་གཉེན་པོ་མ་སྐྱེས་པར་སྒོམ་སྤང་ཕྱི་མ་རྣམས་སྤོང་མི་ནུས་པས་ན་ཡུལ་ཅན་ཟད་པ་ཙམ་གྱིས་ཀྱང་སྤོང་མི་ནུས་ལ། ཡང། དམིགས་ཡུལ་སྒོམ་སྤང་སྔ་མ་སྔ་མ་སྤངས་ཀྱང༌། དེ་དག་ཡུལ་དུ་བྱེད་པའི་སྒོམ་སྤང་ཕྱི་མ་ཕྱི་མ་སྤོང་མི་ནུས་པས་ན་དམིགས་ཡུལ་སྤངས་པ་ཙམ་གྱིས་ཀྱང་སྤོང་བ་མ་ཡིན་ནོ་ཞེས་འདོད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |