66361

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲ་ (1)
Part of speech བྱ་ཚིག
Definition ཁེ་གྲི་དང་སོག་ལེ་སོགས་ཀྱིས་དུམ་བུར་གཅོད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [དྲ།, འཆམ་ལྭ་བཟོ་ཆེད་གོས་ཆེན་དྲ་དགོས།]
Present [འདྲ།, རས་འདྲ་བྱེད་ཀྱི་ཁེ་གྲི།]
Past [དྲས།, གོས་ཆེན་དྲས་ནས་ལྭ་བ་བཟོས།]
Imperative [དྲོས།, རས་དྲོས་ཤིག་ལྟ་བུ།]
འདྲ་ (1)
Part of speech མཚུངས་ཚིག
Definition རིགས་གཅིག་པའི་དོན་ཏེ།
Keyword True
Example སྲོག་ཆགས་རིགས་འདྲ་བ། སྐད་རིགས་འདྲ་བ་ཞེས་པ་ལྟ་བུ།
འདྲ་ (2)
Part of speech མཚུངས་ཚིག
Definition ཚད་མཉམ་པའི་དོན་ཏེ།
Keyword True
Example ཁོང་གཉིས་ཡོན་ཏན་འདྲ་ལྟ་བུ།
འདྲ་ (3)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་བཅུ་བདུན་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example ཁམས་འབྲུག་སྤྲུལ་གྱིས། མི་བདག་གྲགས་པའི་ཁོར་ཡུག་ནི། །འཆི་མེད་ལམ་གྱི་མཐའ་དང་འདྲ། །ཞེས་པ་ལྟ་བུའོ། ། འདི་ལ་འདྲ་བ་ཞེས་འབྲི་སྲོལ་ཡང་ཡོད།
Domain རྩོམ་རིག
འདྲ་ (4)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་ནང་གསེས་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། ཤོང་སྟོན་རིག་བྱེད་འཆད་པའི་རྣམ་དཔྱོད་འདི། །བསྟན་ཚེ་ཕུར་བུ་ས་འདིར་འོངས་པ་འདྲ། །ཞེས་པ་ལྟ་བུའོ། །