6637
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཉེན་པོ་སྐྱེས་པས་སྤོང་བའི་ཕྲ་རྒྱས་ནི་སྒོམ་སྤང་རྣམས་ལ་ཟེར་སྟེ། སྒོམ་སྤང་རྣམས་ནི་ས་རེ་རེའི་ཉོན་མོངས་པའི་རྣམ་པ་དགུ་དགུ་བྱས་ཏེ་ཆེན་པོའི་ཆེན་པོ་ལ་སོགས་པ་གང་གི་གཉེན་པོ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་གང་ཡིན་པ་དེ་སྐྱེས་པས་ཉོན་མོངས་པ་དེ་ཟད་ཅིང་སྤངས་པར་འགྱུར་གྱི་མཐོང་ལམ་གྱིས་དམིགས་པ་བདེན་བཞི་ཤེས་ཀྱང་སྒོམ་སྤང་མི་སྤོང་བས་དམིགས་པ་ཤེས་པས་ཀྱང་མ་ཡིན་ཞིང་། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་པས་ཡུལ་ཅན་ཀུན་འགྲོ་དང་སྒོམ་སྤང་དང་པོ་བརྒྱད་ཀྱི་བར་དུ་སྤངས་ཀྱང་ཡུལ་སྒོམ་སྤང་ཕྱི་མ་མི་སྤོང་བས་དམིགས་བྱེད་ཟད་པས་ཀྱང་མ་ཡིན་ལ། དམིགས་ཡུལ་སྒོམ་སྤང་སྔ་མ་བརྒྱད་སྤངས་ཀྱང་ཡུལ་ཅན་ཕྱི་མ་དགུ་པ་མི་སྤོང་བས་དམིགས་ཡུལ་སྤངས་པས་ཀྱང་མ་ཡིན་ནོ། །དེ་ལྟར་ན་སྒོམ་སྤང་ནི་རང་རང་གི་གཉེན་པོ་སྐྱེས་པས་སྤོང་བ་དང་། རང་རྒྱུད་ཀྱི་སྒོམ་སྤང་ཉོན་མོངས་ཅན་གཟུགས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་དང་། གཞན་རྒྱུད་ཀྱི་ཐམས་ཅད་ནི་ཡུལ་ཅན་ཟད་པས་སྤོང་བས་སྒོམ་སྤང་སྤོང་ཚུལ་ནི་རྣམ་པ་གཉིས་ཡིན་ནོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |