66375

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲ་བའི་ཡི་གེ་ (1)
Part of speech མིང་ཚིག
Definition ལེགས་སྦྱར་སྐད་ཀྱི་དབྱངས་ཡིག་ཨ་རིང་ཐུང་ཐམས་ཅད་འདྲ་བ་དང༌། ཨི་རིང་ཐུང་འདྲ་བ་དང༌། ཨུ་རིང་ཐུང་འདྲ་བ་དང༌། རྀ་རིང་ཐུང་འདྲ་བ་དང༌། ལྀ་ཐུང་ནང་འདྲ་བའམ། སྐབས་འགར་རྀ་ལྀ་གཉིས་ཀྱང་འདྲ་བའོ།
Domain སྒྲ་རིག་པ།
འདྲ་བའི་ཡི་གེ་ (2)
Part of speech མིང་ཚིག
Definition ལེགས་སྦྱར་སྐད་ཀྱི་སྡེ་ཚན་འདྲ་བའི་གསལ་བྱེད་ཡི་གེ་
Example ན་ནི་ཏའི་སྡེ་ཚན་དང་འདྲ་བའི་ཡི་གེ་དང༌། ང་ནི་ཀའི་སྡེ་ཚན་དང་འདྲ་བའི་ཡི་གེ་ཡིན་པ་ལྟ་བུ།