6638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོ་སྒོམ་པ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ རྣམ་པར་སུན་འབྱིན་པའི་གཉེན་པོ་ནི། དེ་ལ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་སྐྱོན་དུ་མཐོང་ནས་ནད་དང་འབྲས་ལ་སོགས་པའི་རྣམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་སུན་འབྱིན་པར་བྱེད་པ་ནི་རྣམ་པར་སུན་འབྱིན་པའི་གཉེན་པོ། ། ༢ སྤོང་བའི་གཉེན་པོ་ནི། སྦྱོར་བ་དང་བར་ཆད་མེད་པའི་ལམ་ནི་སྤོང་བའི་གཉེན་པོ་སྟེ། ཉོན་མོངས་པ་རབ་ཏུ་སྤོང་བའི་ཕྱིར་རོ། ། ༣ རྟེན་གྱི་གཉེན་པོ་ནི། རྣམ་པར་གྲོལ་བའི་ལམ་ནི་རྟེན་གྱི་གཉེན་པོ་སྟེ། སྤངས་པ་ཐོབ་པ་ཡང་དག་པར་འཛིན་པའི་ཕྱིར་རོ། ། ༤ རིང་དུ་བྱེད་པའི་གཉེན་པོ་ནི། དེའི་སྟེང་དུ་ལམ་གང་ཞིག་ན་རིང་དུ་བྱེད་པའི་གཉེན་པོ་སྟེ། སྤངས་པའི་ཉོན་མོངས་པ་ཐམས་ཅད་རིང་དུ་བྱེད་པའི་ཕྱིར་རོ། །
Domain ཆོས་ལུགས།