66397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲ་སེང་གེ་དགོན་ (1)
Part of speech མིང་ཚིག
Definition འདིའི་ལོ་རྒྱུས་ཆེར་མ་ངེས་པས་དགོན་འདེབས་པ་པོ་དང་། རབ་བྱུང་སོགས་གསལ་པོ་མི་འདུག འོན་ཀྱང་འདྲ་ཡུལ་དུ་གྲུབ་མཐའ་གཞན་གྱི་དགོན་པ་མ་ཆགས་གོང་དགོན་འདི་ཆགས་ཡོད་ཅིང་། འདྲ་ཡུལ་གྱི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལྟར་ན་གནའ་རབས་དགོན་པ་རྙིང་པ་ཞིག་ཡོད་པ་ངེས་སོ། །རབ་བྱུང་བདུན་པའི་ནང་ཡིན་པ་འདྲ། གཏེར་ཆེན་བདུད་འདུལ་གླིང་པའི་གཏེར་གནས། དེ་རྗེས་སུ་བོན་རྙིང་འདྲེས་པ་ཞིག་ཏུ་གྱུར། དེར་བརྟེན་རིག་འཛིན་ཆོས་རྒྱལ་གླིང་པའི་ཞབས་ཀྱིས་བཅགས་ནས་སེང་གེ་དགོན་དུ་ཟབ་གཏེར་རྣམས་སྤེལ། བདེ་ཆ་དགོན་པའི་དགོན་ལག་ཏུ་གྱུར།