66410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲི་བ་ལ་ལུང་བསྟན་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཐེ་ཚོམ་བཅད་པ་དང། མ་རྟོགས་པ་རྟོགས་པར་བྱ་བ་དང་། ངེས་པའི་སྟོབས་བསྐྱེད་པར་འགྱུར་བ་སྟེ། ཆོས་ཀྱི་མཚན་ཉིད་ལ་མགོ་གཅིག་གིས་སོ། ། ༢ སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་ནི་ཕྱེ་བས་སོ། ། ༣ དགོངས་ཏེ་གསུངས་ཤིང་ཁ་དུ་མར་འགྱུར་བ་ལ་ནི་ཡོངས་སུ་དྲི་བས་སོ། ། ༤ ཚུལ་ཁྲིམས་མ་ཡིན་པ་ལས་ནི་གཞག་པས་སོ། །
Domain ཆོས་ལུགས།