66420

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲིད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི། གོའུ་ཏ་མ་སྐེམ་མོ་ལ་བུད་མེད་གཅིག་གིས་བདག་རབ་ཏུ་འབྱུང་འཚལ་ལོ་ཞེས་ཟེར་བ་ན། ཁྱོད་ཀྱིས་ཁྱིམ་རྒྱས་པར་བྱ་བ་སྤོངས་དང་དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་པ་དང་། དེས་དེ་སྤངས་ཏེ་འོངས་པ་ན་དེས་དེ་རབ་ཏུ་མ་ཕྱུང་བ་ལས་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཁ་ཟེར་བའི་སྐབས་ལས་སོ། །དགག་བྱ་ནི་འདྲིད་པ་སྟེ་གཞན་ལ་གནོད་པའོ། །རབ་ཏུ་བྱུང་བར་འདོད་པའི་བསམ་པ་སྐྱེ་བ་དང་མཐུན་པའི་ཚིག་ཁྱིམ་པ་མོ་ལ་བསྟན་པས་ཁྱིམ་རྒྱས་པར་བྱ་བ་སྟེ་ཁྱིམ་ན་གནས་པ་ལ་དགོས་པའི་ཡོ་བྱད་རྣམས་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཁྱིམ་པ་མོ་རབ་ཏུ་འབྱིན་པ་ལ་འདྲིད་པས་ཁྱིམ་པ་མ་ཁྱིམ་གྱི་འབྱོར་བ་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པའི་བཅས་པའི་ཁ་ན་མ་ཐོ་བ་ནི། འདྲིད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།