6644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ཆོས་ཅན། ཁྱོད་ལ་གཉེན་པོ་གཞི་ཤེས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་ཟག་གི་བདག་འཛིན་གྱི་གཉེན་པོར་གྱུར་པའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་གཞི་ཤེས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
Domain ཆོས་ལུགས།
གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ (2)
Part of speech མིང་ཚིག
Definition ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། གཞི་ཤེས་གང་ཞིག་ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མཚན་འཛིན་གྱི་གཉེན་པོ་བྱེད་ནུས་པ་ཐེག་ཆེན་འཕགས་རྒྱུད་ཀྱི་མཁྱེན་པའོ། །