66444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲེ་དགུ་ (1)
Part of speech མིང་ཚིག
Definition བོན། སྣང་གཤེན་ཐེག་པའི་ཐབས་ཀྱི་འདུལ་བྱར་གྱུར་པའི་འདྲེ་ཞིག་སྟེ། དགུ་ནི། མདོ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས། མཐོ་རུ་མི་སྟེར་དམའ་བའི་འདྲེ། ཡོད་དུ་མི་སྟེར་མེད་པའི་འདྲེ། ཕྱུག་ཏུ་མི་སྟེར་དབུལ་བའི་འདྲེ། ཕན་དུ་མི་སྟེར་རྨང་བའི་འདྲེ། གང་དུ་མི་སྟེར་སྟོངས་པའི་འདྲེ། ཆགས་སུ་མི་སྟེར་འཇིག་པའི་འདྲེ། ཡག་ཏུ་མི་སྟེར་ཉེས་པའི་འདྲེ། སྐྱིད་དུ་མི་སྟེར་སྡུག་པའི་འདྲེ། འཕེལ་དུ་མི་སྟེར་འགྲིབ་ཀྱི་འདྲེ། ཞེས་སོ། །ཡ་ཐོག་སྲིད་པ་ཆགས་ནས་ཡོད་པ་སྟེ། དེ་ཉིད་ལས། སྲིད་པ་ཆགས་ནས་སྲིད་པ་ཡི། སྲིད་པའི་འདྲེ་དགུ་བྱ་བ་སྟེ། ཞེས་སོ། །
Domain ཆོས་ལུགས།