6646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོའི་ཚོགས་སྒྲུབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་གི་ཡིག་ཆར། བྱང་ཆུབ་སེམས་དཔའི་མཁྱེན་པར་གྱུར་པའི་ཚོགས་སྒྲུབ་གང་ཞིག ། རང་གི་མི་མཐུན་ཕྱོགས་འཇོམས་ནུས་དེ་གཉེན་པོ་ཚོགས་སྒྲུབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མཐོང་སྤང་གཉེན་པོ་ཚོགས་སྒྲུབ་དང༌། སྒོམ་སྤང་གཉེན་པོ་ཚོགས་སྒྲུབ་གཉིས།
Domain ཆོས་ལུགས།
གཉེན་པོའི་ཚོགས་སྒྲུབ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་གི་ཡིག་ཆར། ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་བྱང་འཕགས་ཀྱི་མངོན་རྟོགས། གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མཐོང་ལམ་གཉེན་པོའི་ཚོགས་སྒྲུབ་དང༌། སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ་གཉིས། མཐོང་སྤང་ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་བྱང་འཕགས་ཀྱི་མངོན་རྟོགས། དང་པོའི་མཚན་ཉིད། སྒོམ་སྤང་ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་བྱང་འཕགས་ཀྱི་མངོན་རྟོགས། གཉིས་པའི་མཚན་ཉིད།
གཉེན་པོའི་ཚོགས་སྒྲུབ་ (3)
Part of speech མིང་ཚིག
Definition བདེན་འཛིན་གྱི་གཉེན་པོ་བྱེད་པའི་ཐེག་ཆེན་གྱི་བར་ཆད་མེད་ལམ་དེ། གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང༌། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས་སུ་ཡོད།
གཉེན་པོའི་ཚོགས་སྒྲུབ་ (4)
Part of speech མིང་ཚིག
Definition མཚན་ཉིད་ནི། མཐར་ཐུག་གི་བྱང་ཆེན་འབྱིན་པ་ལ་མཐུ་ཅན་དུ་གྱུར་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་སྤོང་བ་གཉེན་པོའོ། །ས་མཚམས། གཉེན་པོའི་ཚོགས་སྒྲུབ་ས་བཅུའི་མཉམ་གཞག་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །