66460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲེ་རྔ་ཆུང་ (1)
Part of speech མིང་ཚིག
Definition བྲེ་གའི་མིང་གི་རྣམ་གྲངས་ཤིག བྲེ་ག་ནི་ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། སྡོང་པོ་སྔོ་ལྗང་ཕྲ་ལ་ལྡེམ་པ་ཁ་ཤས་མཉམ་དུ་སྐྱེ་བའི་སྟོད་ཆ་ནས་ཡལ་ག་ཕྱོགས་བཞིར་གྱེས་ཤིང༌། སྡོང་པོའི་གཞུང་དུ་སྤུ་དཀར་འཇམ་པོ་ཐར་ཐོར་ཡོད་ལ་རྒས་ཚེ་སྐྱ་བོར་འགྲོ་བ། ལོ་མ་ལྗང་སེར་ཆུང་ཞིང་སྒོར་ནར་མཐར་ཉག་ག་ཆུང་ངུ་ཡོད་པ། མེ་ཏོག་དཀར་པོ་ཆུང་བ་རྒྱ་གྲམ་མེ་ཏོག་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། གང་བུ་སྒོར་ལ་དཀྱིལ་འབུར་བ་མཐའ་ཤོག་བུ་ལྟར་སྲབ་པའི་རྩེར་ཉག་ག་ཅུང་ཟད་ཡོད་ཅིང༌། འབྲུ་གུ་སྨུག་པོ་ཏིལ་འབྲུའི་དབྱིབས་ཅན་རི་མོ་ནག་པོ་ཡོད་པ་ལ་སྒོག་དྲི་ཅུང་ཟད་བྲོ་བ་སྟེ། བོད་ཀྱི་ས་གནས་མང་པོའི་ས་རུལ་འབོལ་ས་དང༌། ས་རྒོད། ཚལ་ཞིང་གི་ནང་དང་མཐའ་སོགས་སུ་སྐྱེ་བ། འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་བསྐམས་རྗེས་འབྲུ་གུ་ལེན་ནས་གཙང་མ་བཟོས་ཐོག་སྨན་དུ་སྤྱོད་རྒྱུ། རོ་ཁ་ཚ། ཞུ་རྗེས་ཁ་བ། ནུས་པ་དྲོ་ཞིང་སྣུམ་པས་གློ་ནད་དང༌། མཁལ་མའི་ནད་རིགས་སེལ་བ་དང༌། གྲང་བ་འཛག་པ་གཅོད་ལ་ཡན་ལག་གི་ཆུ་སེར་སྐེམ་ཞིང༌། ཟས་ཀྱི་དང་ག་འབྱེད་པར་བྱེད་པ་ཡིན།