66480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲེན་པ་ (1)
Part of speech མིང་ཚིག
Definition ལམ་སྣ་ཁྲིད་པའི་དོན་གྱི་ད་ལྟ་བའི་བྱ་མིང་།
Example དམག་འདྲེན་པ། ཞིང་ཁར་ཆུ་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (2)
Part of speech མིང་ཚིག
Definition སྒྲུབ་བྱེད་ཀྱི་ལུང་སྐྱོར་བའི་དོན་གྱི་ད་ལྟ་བའི་བྱ་མིང་།
Example རྗེ་ཙོང་ཁ་པའི་ལུང་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (3)
Part of speech མིང་ཚིག
Definition འཐེན་པའི་དོན་གྱི་ད་ལྟ་བའི་བྱ་མིང་།
Example ཤིང་རྟ་འདྲེན་པ། ཁྲོམ་པ་ནས་ཆུ་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (4)
Part of speech མིང་ཚིག
Definition ཡིད་ལ་ངེས་པ་སྐྱེད་པའི་དོན་གྱི་ད་ལྟ་བའི་བྱ་མིང་།
Example ལེགས་བཤད་ཀྱི་དོན་ཡིད་ལ་ངེས་པ་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (5)
Part of speech མིང་ཚིག
Definition བཟའ་བཏུང་སྟེར་བའི་དོན་གྱི་ད་ལྟ་བའི་བྱ་མིང་སྟེ།
Example གསོལ་སྟོན་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (6)
Part of speech མིང་ཚིག
Definition གྲངས་ཀ་བགྲང་བའི་དོན་གྱི་ད་ལྟ་བའི་བྱ་མིང་།
Example རྒན་པོས་མ་ཎི་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (7)
Part of speech མིང་ཚིག
Definition སེམས་འཕྲོགས་པའི་དོན་གྱི་ད་ལྟ་བའི་བྱ་མིང་།
Example གླིང་བུ་སྙན་མོས་ཡིད་དབང་མེད་འདྲེན་པ་ཞེས་པ་ལྟ་བུ།
འདྲེན་པ་ (8)
Part of speech མིང་ཚིག
Definition ཁ་ཕྱོགས་སྟོན་མཁན།
Example བདག་ཅག་གི་འདྲེན་པ་མཆོག་ཅེས་པ་ལྟ་བུ།
འདྲེན་པ་ (9)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག་སྟེ། སེམས་ཅན་རྣམས་འཁོར་བའི་གནས་ལས་བསྒྲལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འདྲེན་པར་མཛད་པས་སོ། །
Type མངོན་བརྗོད།
འདྲེན་པ་ (10)
Part of speech མིང་ཚིག
Definition ཚེ་དཔག་མེད་ཀྱི་མཚན་ཏེ། སེམས་ཅན་རྣམས་སྡུག་བསྔལ་ལས་བདེ་བའི་ལམ་དུ་འདྲེན་པར་མཛད་པས་སོ།
འདྲེན་པ་ (11)
Part of speech མིང་ཚིག
Definition རྒྱལ་པོའི་མིང་སྟེ། རང་གི་མངའ་འོག་གི་འབངས་རྣམས་སྲུང་སྐྱོབ་བྱེད་མཁན་ཡིན་པས་སོ། །