66483
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། འདྲེན་པའི་བླ་མ་ནི། ཕྱོགས་བཅུའི་མུན་སེལ་ལས། འདྲེན་པའི་བླ་མ་ནི་ཆོས་ཀྱི་སྒོར་འདྲེན་པ་རབ་བྱུང་གི་མཁན་པོ་ལྟ་བུ་སྟེ། འདུལ་བ་ལས། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །ཞེས་དང་། ཀཱ་རི་ཀཱ་ལས། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ནང་ཞུགས་གུས་པས་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་དྲི། །ཞེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |