66484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདྲེན་པའི་ཡན་ལག་བཤད་ཐབས་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འདི་བཅུ་པོར། བཤད་ཐབས་བཅུ་དང་། བཤད་པའི་ཡན་ལག་བཅུ་དང་། འདྲེན་པའི་ཡན་ལག་བཅུ་དང་། འདྲེན་པའི་ཚིག་གི་ཡན་ལག་བཅུ་ཞེས་ཀྱང་བརྗོད། མདོ་དགོངས་པ་འདུས་པར་ངེས་པའི་གསང་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་གི་ནང་གསེས་འདྲེན་པའི་ཡན་ལག་བཤད་ཐབས་བཅུ་སྟེ། ༡རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ་དང། ༢རྣམ་པར་དབྱེ་བའི་ཚིག་སྟག་གི་མཆོང་སྟབས་ལྟར་བཤད་པ་དང། ༣སྤྱི་དོན་སྡུད་པའི་ཚིག་སེངྒེའི་མཆོང་རྩལ་ལྟར་བཤད་པ་དང། ༤འབྲེལ་བར་སྦྱོར་བའི་ཚིག་ངང་མོའི་འགྲོས་ལྟར་བཤད་པ་དང། ༥རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟར་བཤད་པ་དང། ༦ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་ལྟར་བཤད་པ་དང། ༧གཏར་ཀ་གེགས་སེལ་གྱི་ཚིག་གླག་ཁྲ་མོ་གཟན་ལ་འཇུམས་པ་ལྟར་བཤད་པ་དང། ༨ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་ཆར་ལྟར་བཤད་པ་དང། ༩མཚོན་པ་དཔེའི་ཚིག་མེ་ལོང་དྭངས་པའི་ངོས་ལྟར་བཤད་པ་དང། ༡༠བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་ཐགས་དང་སེང་ཕྲུག་རྩལ་སྦྱོང་བ་ལྟར་བཤད་པའོ། །ཉང་ཊཱིཀ་པས་དེ་བཅུ་པོ་སྡེ་ཚན་གསུམ་དུ་ཕྱེ་བ་ནི། དཀྱུས་དབུ་ཞབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པ་གསུམ། རྣམ་དབྱེ། འབྲེལ་སྦྱོར། རང་རྐྱེན་ནོ། །ཁྱད་པར་དུ་འཇུག་པ་གསུམ། རང་བཞིན། ལྡེམ་དགོངས། སྤྱི་དོན་ནོ། །འཇུག་ཏུ་རུང་བ་བཞི། གཏར་ཀ ཚད་མ་བཀའ་གཞུང་། མཚོན་དཔེ། བསྣོལ་མཚམས་འཕེན་སྡུད་དོ། །འཆད་ཐབས་འདི་སྤྱིར་སྔགས་ཕྱི་ནང་རྒྱུད་སོ་སོར་སྦྱར་རུང་ཞིང་། གོང་འོག་སྒྲ་མཐུན་དོན་འཕགས་ཀྱི་སྒོ་ནས་ཁྱད་ཡོད་པར་བཞེད།
Domain ཆོས་ལུགས།