66538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་གྲོལ་ལུགས་ཀྱི་སྐུའི་གྲངས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འཕགས་པ་གྲོལ་སྡེས་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་བསྟན་བྱ་གཙོ་བོར་གྱུར་པའི་སངས་རྒྱས་ཀྱི་སྐུ་དེ་ལ་གསུམ་དུ་གྲངས་ངེས་པར་བཞེད་པ་ཡིན་ནོ། །དེའི་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། དེ་ལྟར་ན་སྐབས་བརྒྱད་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཆོས་སྐུ་ལ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་གྲངས་ངེས་ཏེ། ཉི་སྣང་ལས། ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་བ་ཡིན་ལ། དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུའོ། །ཞེས་དང། རྣམ་འགྲེལ་ལས། ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་སྟེ། དེ་ཡང་སྐུ་གསུམ་དུ་ཤེས་པར་བྱ་སྟེ་ངོ་བོ་ཉིད་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུའོ། །ཞེས་གསུངས། ཞེས་གསལ།
Domain ཆོས་ལུགས།