6654
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། སྤང་བྱ་དེ་ལ་དངོས་སུ་གནོད་པའམ་ལམ་གོང་མ་ཐོབ་བྱེད་ཀྱི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་བར་ཆད་མེད་ལམ་ཞིག་ལ་གཉེན་པོའི་སྒྲུབ་པ་འཇོག སྤང་བྱ་སྤོང་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འོ་ན་ཅི་ཞེ་ན། སྔར་གཉེན་པོའི་ཕྱོགས་གོམས་པ་ལ་བརྟེན་ནས་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང། མཐོང་སྤང་གི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ཞིང་། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་སྐྱེས་པ་དང་མཐོང་སྤང་གི་ས་བོན་འགག་པ་དུས་མཉམ་པའི་སྒོ་ནས་མཐོང་སྤང་གི་ས་བོན་དངོས་སུ་སྤོང་བ་གཞུང་གི་དོན་ནོ། །འོ་ན་ས་བཅུ་པའི་སྐབས་སུ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པ་རྗེས་སུ་མཐུན་པ་ཐོབ་པ་དེ་གང་གི་དབང་གིས་ཐོབ་པ་ཡིན་ཞེ་ན། ཡོད་དེ། དེའི་སྐབས་སུ་དགོངས་ལྡེམ་དགོངས་བརྒྱད་ཀྱི་སྒོ་ནས་གདུལ་བྱ་ལ་རང་དབང་དུ་ཆོས་སྟོན་ནུས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་དབང་གིས་ཡིན་པའི་ཕྱིར། |
| Domain | ཆོས་ལུགས། |