From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ། སྡེ་བཀའི་དཀར་ཆག་ཏུ་འདི་ལ་ཁ་ཅིག་གིས་སྦྲུལ་ལོ་དགུན་ཟླ་ར་བའི་ཚེས་ཉི་ཤུ་ལ་ཞེས་ཡོད་པས། རྒྱ་གར་ན་སྦྲུལ་ལོ་སོགས་ཀྱི་ཐ་སྙད་མེད་པས། ཐེ་ཚོམ་ཟ་ཞེས་ཟེར་ཀྱང་། སྟང་ལུང་དུ། བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་མངྒ་ལ་ཤྲཱི་ཛྙཱ་ནའི་ཕྱག་བྲིས་ཀྱི་འདིའི་རྒྱ་དཔེ་ཡོད་པའི་ཕྱིར་དང་། ནཱ་ག་བརྵ་ཞེས་བྱུང་བ་ཀླུའི་ལོའམ། སྦྲུལ་གྱི་ལོ་གང་རིགས་སུ་བསྒྱུར་ཆོག་ལ། དེ་ནི་ཀླུ་དང་སྦྲུལ་ཞེས་པ་གྲངས་བརྒྱད་ལ་འཇུག་པས། ཐུབ་པ་སངས་རྒྱས་ནས་ལོ་བརྒྱད་པ་ན། ཞེས་བྱ་བའི་དོན་ཡིན་ནོ་ཞེས་ཆག་ལོ་གསུམ་པ་བཞེད་དོ་ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།
|
འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ། བཀའ་འགྱུར་རྒྱུད་འབུམ་ཨེ་པར་བཞུགས།
|