66562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཞོལ་དཀར་ཆག་ཏུ་འདི་ལ་ལྡན་དཀར་མར་ཤླཽ་ཀ་བདུན་བརྒྱ་ལྔ་བཅུ། ཚལ་པ་དཀར་ཆག་ཏུ་བམ་པོ་ཕྱེད་གསུམ། ཆོས་འབྱུང་རྣམས་སུ་བམ་པོ་གཉིས་དང་ཤླཽ་ཀ་བརྒྱ་ལྔ་བཅུ། སྨན་ལུང་པའི་གསན་ཡིག་ཏུ་བམ་པོ་གཉིས་དང་ཤླཽ་ཀ་བརྒྱ་དང་བཅུ། དཔའ་བོའི་གསན་ཡིག་ཏུ་ཤླཽ་ཀ་ལྔ་བཅུ་ཞེས་བྱུང་།” ཞེས་འཁོད། བཀའ༷་འགྱུར་དཀོན་བརྩེགས་ང་པར་བཞུགས།