66566
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས། ཨཱ་ཙརྱ་ནནྡས་རང་འགྱུར་དུ་མཛད་པ་ལ་སྒྲ་བག་ཙམ་བཅོས། ཆོས་ཚན་འདི་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་ལྷ་སོ་སོའི་སྒྲུབ་ཐབས་རྒྱ་མཚོའི་གྲས་ཡིན་ཡང་། འདིའི་འགྱུར་བྱང་དུ་ཨཱ་ཙརྱ་ནནྡས་རང་འགྱུར་དུ་མཛད་པའོ། ། སྒྲ་བག་ཙམ་བཅོས་སོ། ། ཞེས་འཁོད་པས། འདི་ཨཱ་ཙརྱ་ནནྡས་རང་འགྱུར་དུ་མཛད་པ་ལ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་འགྱུར་བཅོས་མཛད་པ་ཡིན་པར་མངོན། བསྟན་འགྱུར་རྒྱུད་མུ་པར་བཞུགས། |