From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ (1)
| Part of speech
|
མིང་ཚིག
|
| Definition
|
སྡེ་དགེའི་དཀར་ཆག་ཏུ་དེ་ལྟར་ཤེས་ཕྱིན་གྱི་མདོ་ཕྲན་འདི་དག་ནི། མདོ་ཕྱོགས་སུ་སྔོན་གྱི་དཀར་ཆག་ཆེན་མོ་རྣམས་ལྟར། ཤེས་ཕྱིན་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་བཞུགས་པ་ཡིན་ཀྱང་། གཟུངས་སྔགས་ཡོད་པ་ཕལ་ཆེར་གྱི་གཟུངས་སྔགས་རྣམས་བྱ་བའི་རྒྱུད་དུ་བསྡུས་ཆོག་པར། ལུང་རིགས་མང་པོ་ལ་བརྟེན་ནས། བླ་མ་རྣམས་བཞེད་པ་དང་། གཤེགས་རིགས་ཀྱི་ཡུམ་ཡིན་པའི་ཕྱིར་འདིར་ཡང་བཀོད་པ་ཡིན་ལ། ཁྱད་པར་གསེར་འོད་དམ་པའི་མདོ་སྡེ་ནི། གཟུངས་སྔགས་བསྒྲུབ་པའི་ཆོ་ག བྲིས་སྐུའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་སོགས་བསྟན་པས། ངེས་པར་སྔགས་སུ་འཐད་པའི་ཕྱིར་མདོ་གྲས་སུ་མ་བཀོད་པར་འདིར་བཞུགས་སུ་བཅུག་པ་ཡིན་ཞིང་བུ་སྟོན་གྱིས་ཀྱང་། རྒྱུད་སྡེ་སྤྱི་རྣམ་དུ་ངེས་པར་རྒྱུད་དུ་འཐད་པའི་ལུང་རིགས་གཉིས་ཀ་བཀོད་སྣང་ངོ་། །ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ཕ་པར་བཞུགས།
|
འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ (2)
| Part of speech
|
མིང་ཚིག
|
| Definition
|
པཎྜི་ཏ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ། བཀའ་འགྱུར་རྒྱུད་འབུམ་པ་པར་བཞུགས།
|