66635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། སུ་རེནྟྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྡེ་བཀའི་དཀར་ཆག་ཏུ་འདིའང་མདོར་བཞུགས་པ་ཡིན་ཀྱང་། དཀྱིལ་འཁོར་གྱི་ཆོ་ག་སོགས་བསྟན་པས་སྔགས་སུ་མི་འགལ་བའི་ཕྱིར་འདིར་བྲིས་ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།