66636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ། དཀར་ཆག་རྣམས་སུ་ལེའུ་སོ་དགུ་ཞེས་འབྱུང་ཡང་གཞུང་དུ་ལེའུ་སོ་དགུ་པའི་མཚན་གྲངས་མི་གསལ། ཞོལ་དཀར་ཆག་ཏུ་“ཟླ་བ་སྒྲོན་མའི་མདོ་ཡང་འདི་ཉིད་ལ་ངོས་འཛིན་མཛད་པ་མང་ངོ་།། བཀའ་འགྱུར་མདོ་སྡེ་ཏ་པར་བཞུགས།