66675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ། བསྟན་འགྱུར་སྣ་ཚོགས་ཆོ་པར་བཞུགས།
འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ (2)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདི་འཕགས་པ་ཐོགས་མེད་ཀྱིས་མཛད་ཟེར་བ་མི་བདེན་ཏེ། འདིའི་འཐད་པ་སྒྲུབ་པའི་གཏམ་ཚིགས་ཀྱི་སྐབས་ནས། ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་བལྟ་བར་བྱའོ་ཞེས་བོད་ཀྱི་བྱས་པའི་བསྟན་བཅོས་ལ་ཁ འཕངས་ཡོད་པའི་ཕྱིར་རོ། ། སྔོན་གྱི་དཀར་ཆག་ལས། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་མདོས་སྡེ་དགོངས་འགྲེལ་གྱི་འགྲེལ་པ་བམ་པོ་བཞི་བཅུ་ཞེས་འབྱུང་བ་དེ་ཡིན་པར་སེམས་སོ། ། ཞེས་འཁོད། བསྟན་འགྱུར་སྣ་ཚོགས་ཇོ་པར་བཞུགས།