66679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་བོད་དབུས་སྟོད་མངའ་རིས་མང་ཡུལ། སྐྱིད་གྲོང་ནས་སྤྱི་ལེ་དྲུག་ཅུ་ཙམ་སོང་ན་སླེབས་ཐུབ། སྔོན་དུས་སུ་འཕགས་མཆོག་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ས་གླང་ལོར་སྐུ་འཁྲུངས་ནས། དགུང་ལོ་བཅུ་དྲུག་པ་ཤིང་འབྲུག་ལ་འཕགས་པ་རང་བྱོན་རིན་པོ་ཆེ་འདི་ཉིད་བལ་ཡུལ་ནས། མང་ཡུལ་སྐྱིད་གྲོང་དུ་ཕེབས་པར་གྲགས་པ་དགོན་ས་དང་དེ་ནས་ཡིན་པའི་ལོ་རྒྱུས་ལྟར་ན། ཤིང་འབྲུག་ནས་ས་བྱིའི་ཡན་ལ་ལོ་ ༡༡༨༣ སོང་བ་འདྲ་སྟེ་ད་དུང་དཔྱད་གཞི་ཡོད། འདི་ནི་ལོ་རྒྱུས་ཤིན་ཏུ་རིང་བའི་ནང་རྟེན་རྩ་ཆེན་ཞིག་དང་། བོད་ཀྱི་རྒྱལ་བཙུན་བློན་འབང་རིས་མེད་སྐྱེས་ཆེན་མང་པོས་རིམ་གྱིས་ཞིག་གསོ་དང་གཅེས་ཉར་བྱས། རྒྱ་མིའི་ཉམས་ཉེས་འོག་ཏུ་ཡོད་ཚད་གཏོར་བརླག་ཏུ་ཤོར། ཕྱི་ལོ་༡༩༨༣ ཡས་མས་ཙམ་དུ་དགོན་དེ་ཡང་སྔར་བྲག་ཆོས་གླིང་དགོན་པའི་སྐུ་ཞབས་བཀྲ་ཤིས་ལགས་ནས་སྐུ་གཉེར་གནས་ནས་ལོ་མང་བཞུགས། ཁོང་བཞུགས་རིང་མཆོད་ཡོན་འབུལ་རྒྱུ་ཙམ་མ་གཏོགས་སྐུ་གསུང་ཐུགས་རྟེན་སོགས་སླར་གསོ་ཐུབ་མེད། དེ་རྗེས་ཕྱི་ལོ་ ༡༩༩༣ ལོར་རྒྱ་གཞུང་གི་གོང་རིམ་གྱིས་ཆོག་མཆན་སྤྲད་ནས། འཕགས་པ་དགོན་འདི་བྲག་དཀར་རྟ་སོའི་བཙུན་མ་ལྷན་རྒྱས་ནས་བདག་སྐྱོང་གནང་དགོས་པའི་བཀའ་གནང་བ་ལྟར། བྲག་དཀར་རྟ་སོའི་དགོན་བདག་ཤེས་རབ་ཆོས་སྒྲོན་ལགས་ཀྱིས་གཙོ་བོའི་འགན་འཁུར་འོག རྟ་སོའི་བཙུན་མ་རྣམས་ཀྱི་འབད་རྩོལ་དང་གྲུབ་འབྲས་ལས་འཕགས་པ་དགོན་པ་ཡང་ལོ་རེ་བཞིན་ཡར་རྒྱས་སུ་སོང་སྟེ། དགོན་པ་སླར་གསོ་ལེགས་གྲུབ་ཟིན་པ་མ་ཟད། བསམ་ཆོས་རིན་པོ་ཆེའི་ལྗགས་བཀོད་འོག་སྔར་གྱི་ཇོ་བོ་ཝ་ཏི་བཟང་པོའི་སྐུ་ཚབ་ཏུ། གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཝ་ཏི་བཟང་པོ་ཞིག་གདན་དྲངས་པ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཀུན་དགའ་ར་བ་དང་བཅས་པ། གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས། སློབ་དཔོན་གྱི་སྐུ་འདྲ་བཅས་མི་གཟུགས་གཉིས་བྱས་པ་རེ། གསེར་ཟངས་ལས་གྲུབ་པའི་ཐུབ་པ་དང་། གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་མི་ལའི་འདྲ་སྐུ་དང་། འབྲུག་པ་ཡབ་སྲས་གསུམ་གྱི་སྐུ་འདྲ་མི་ཚད་མ་རེ་སོགས་སྐུ་གསུང་ཐུགས་རྟེན་གང་མང་གསར་བཞེངས་གནང་སྟེ་གཙང་བསམ་ཆོས་རིན་པོ་ཆེ་གདན་དྲངས་ཏེ་གཟུངས་འབུལ་དང་རབ་གནས་སོགས་ཀྱི་བཀའ་དྲིན་ལེགས་པར་བསྩལ། དེ་བཞིན་མཆོད་གཤོམ། བཞུགས་ཁྲི། ཚོགས་གདན། མཆོད་པའི་ཡོ་བྱད་སོགས་གང་ཐད་ནས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ལོ་ལྟར་རྒྱལ་བའི་བཀའ་འགྱུར་རིན་པོ་ལྗགས་ཀློག་ཞུ་རྒྱུ་དང་། ཞི་ཁྲོ་ངེས་དོན་སྙིང་པོ་སོགས་རྒྱུན་དུ་རང་ལུགས་འབྲུག་པ་བཀའ་བརྒྱུད་པའི་ཚོགས་མཆོད་ཅི་རིགས་ལ་འབད་བཞིན་པ་བཅས་སོ། །

{{#arraymap:འཕགས་པ་དགོན་

|; |@@@ | | }}