From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
བཀའ་འགྱུར་མདོ་སྡེ་ཡ་པར་བཞུགས།
|
འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
བཀའ་འགྱུར་མདོ་སྡེ་ར་པར་བཞུགས།
|
འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ (3)
| Part of speech
|
མིང་ཚིག
|
| Definition
|
བཀའ་འགྱུར་མདོ་སྡེ་ལ་པར་བཞུགས། འདི་ལ་སྡེ་བཀའི་དཀར་ཆག་ཏུ་བམ་པོར་བཅད་ན་བརྒྱ་ཉི་ཤུར་བཤད་ཀྱང་། བམ་པོ་བཞི་བཅུ་རྩ་དགུ་མན་བམ་མཚམས་མ་བཅད་པར་སྣང་ངོ་། །འདི་ནི་བསྟན་པ་སྔ་དར་ལ་ཤླཽ་ཀ་ཁྲི་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་ཞེ་གསུམ་ལས་མ་འགྱུར་ལ་ཕྱིས་པ་ཚབ་ལོ་ཙཱས་བསྒྱུར་ཞེས་དང་། པ་ཚབ་དང་རྔོག་ལོའང་ཐེག་ཆེན་དུ་བཞེད་ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་སུ་ཐེག་དམན་དུ་བཤད་པ་ལྟར་འདིར་བཀོད་ཅེས་འཁོད། ཞོལ་དཀར་ཆག་ཏུ་བམ་པོར་བཅད་ན་བརྒྱ་ཉི་ཤུར་བཤད་ཀྱང་། བམ་པོ་བཞི་བཅུ་རྩ་དགུ་མན་བམ་མཚམས་མ་བཅད་པར་སྣང་ངོ་། །འདི་ནི་སྔ་འགྱུར་ལ་དུས་ཕྱིས་ཤཱཀྱ་རཀྵི་ཏ། བྷུ་ཏི་ཙནྡྲ། པཎྜི་ཏ་ཙནྡྲ་དང་། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་འགྱུར་ཆད་བསབ་སྟེ་བཅོས་པ་དང་། ཡོངས་དྲིལ་དྲན་པ་ཉེར་བཞག་པོ་ཏི་བཞི་ཅུང་མ་ལོངས་ཙམ་ཞིག་ཡོད་ཅེས་འཁོད་པ་དང་། སྣར་དཀར་ཆག་ཏུ་ཕལ་ཆེར་གོང་གི་འདི་གཉིས་དང་མཐུན་པར་གསུངས་ལ། པཎྜི་ཏ་ཙནྡྲ་ལ་ཨ་དྲི་ཏ་ཙནྡྲ་ཞེས་འཁོད་ཡོད། བཀའ་འགྱུར་མདོ་སྡེ་མདོ་སྡེ་ཤ་པར་བཞུགས།
|