66716

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུརྱའི་འོད་ཅེས་བྱ་བའི་གཟུངས་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཤི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཐོ་ལིང་གསེར་ཁང་དུ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ། སྣར་ཐང་དཀར་ཆག་ཏུ་“གསུམ་པོ་འདིའི་ནང་ནས་སྨན་མདོ་གཉིས་ཀུན་མཁྱེན་བུས་མདོ་མང་གི་གྲས་སུ་འཇུག་པ་མཛད། རྒྱལ་རྩེ་དཀར་ཆག་ཏུ་སྨན་མདོ་རྒྱས་པ་མདོ་རྒྱུད་གང་དུའང་བཞག་ཆོག་པས་བརྩིས་ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ཐ་པར་བཞུགས།