66759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ཕྱག་རྒྱའི་དངོས་གྲུབ་བརྙེས་པ་ཕྱག་ན་རྡོ་རྗེས་མཛད་པའི་འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས། སྡེ་དཀར་དུ་སློབ་དདཔོན་ཕྱག་ན་རྡོ་རྗེས་མཛད་པའི་མེ་ལྕེའི་ཕྲེང་བའི་སྒྲུབ་ཐབས་ཞེས་པ་མ་བྱུང་ཞེས་དང་། སློབ་དཔོན་བྷ་ཝ་པས་མཛད་པའི་སྐོར་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་ཚབ་ཏུ་འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཞེས་འཁོད་ཀྱང་། མེ་ལྕེའི་ཕྲེང་བའི་སྒྲུབ་ཐབས་དང་། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་གཉིས་ཆོས་ཚན་གཅིག་རེད་འདུག་ལ་ཆོས་ཚན་དེ་སྡེ་ལའང་བཞུགས། དེས་ན་འདི་ནི་སྡེ་དཀར་དུ་འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མཚན་གཉིས་ནོར་ནས་ཕྱི་མའི་མཚན་ཆད་པ་རེད་འདུག བསྟན་འགྱུར་རྒྱུད་ཚི་པར་བཞུགས།