66787

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་བརྒྱད་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཤེར་མདོ་དང་བསྟན་བཅོས་རྣམས་སུ་རྒྱུན་ཞུགས་ཞུགས་པ་ལ་བརྒྱད་པ་དང་། དེའི་མངོན་རྟོགས་ལ་བརྒྱད་པའི་སར་གསུངས་ཀྱང་འདིར་རྒྱུན་ཞུགས་ལ་བརྒྱད་པར་གསུངས་པ་ནི་དགྲ་བཅོམ་ཞུགས་གནས་གཉིས་ཞེས་པ་ནས་རྒྱུན་ཞུགས་ཞུགས་གནས་གཉིས་ཞེས་པའི་བར་ཡས་རིམ་དུ་བགྲངས་པའི་དབང་དུ་བྱས་པ་སྟེ། མདོ་ཀུན་ལས་བཏུས་པར། དད་པས་རྗེས་སུ་འབྲང་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉི་མ་རེ་རེ་ཞིང་ལྷའི་ཟས་རོ་བརྒྱ་པ་དང་ལྷའི་གོས་བྱིན་པ་བས་གཞན་ཞིག་གིས་ཆོས་ཀྱི་རྗེས་འབྲང་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་སྔ་མ་བས་བསོད་ནམས་ཆེས་གྲངས་མང་བ་བསྐྱེད་པ་དང་། ཡང་ཆོས་ཀྱི་རྗེས་འབྲངས་སྔ་མ་ལྟར་ལས་བརྒྱད་པའི་གང་ཟག་གཅིག་ལ་ཟན་ཅིག་བྱིན་ན་སྔ་མ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་གསུངས་པ་དང་མཐུན་ནོ་ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། འདིར་རྒྱུན་ཞུགས་འབྲས་གནས་ལ་འཕགས་པ་བརྒྱད་པར་འཇོག་པ་ནི། དགྲ་བཅོམ་ཞུགས་པ་ནས་རིམ་བཞིན་བགྲངས་པའི་དབང་དུ་བྱས་པ་ཡིན་ཏེ། དགྲ་བཅོམ་ཞུགས་གནས། ཕྱིར་མི་འོང་ཞུགས་གནས། ཕྱིར་འོང་ཞུགས་གནས། རྒྱུན་ཞུགས་ཞུགས་གནས་རྣམས་ལ་ཟུང་བཞི་ཡ་བརྒྱད་དུ་འཇོག་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་དབུ་མ་སྤྱི་དོན་ལས་སོ། །
Domain ཆོས་ལུགས།