66817
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། བསྟན་པ་ཕུན་སུམ་ཚོགས་པ། བསྟན་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ། བསྟན་པའི་གཞི་ཕུན་སུམ་ཚོགས་པ། སྟོན་པའི་བདག་ཉིད་ཆེན་པོ་བརྗོད་པ་ཕུན་སུམ་ཚོགས་པ། ངེས་པར་གདོན་མི་ཟ་བའི་གཏམ་ཕུན་སུམ་ཚོགས་པ། དྲིས་པ་ལ་ལན་གླན་པས་འདི་ན་བཞུགས་པའི་དེ་བཞིན་གཤེགས་པས་གཞན་གྱི་ཡོན་ཏན་བསྔགས་པ་ཕུན་སུམ་ཚོགས་པ། མཐུ་ཆེན་པོ་ཕུན་སུམ་ཚོགས་པའོ། ། |
| Domain | ཆོས་ལུགས། |