66840

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition བླ་མ་གསེར་གླིང་པས་མཛད་པའི་འཕགས་པ་མི་གཡོ་བའི་སྒྲུབ་ཐབས། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རང་འགྱུར་དུ་མཛད་ནས། དགེ་སློང་དབང་ཕྱུག་རྒྱལ་མཚན་ལ་གནང་། ཐུགས་ཀྱི་རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་ནི་བསྟན་འགྱུར་ཁྲོད་དུ་མི་བཞུགས་ཏེ། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུའང་“དངོས་སུ་མི་སྣང་ངོ་ཞེས་འཁོད། བསྟན་འགྱུར་རྒྱུད་པུ་པར་བཞུགས།
འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པའི་འཕགས་པ་མི་གཡོ་བའི་སྒྲུབ་ཐབས། འདི་དང་གོང་གི་ཆོས་ཚན་༡༧༧༠ པ་གཉིས་ཀྱི་མཛད་པ་པོ་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“དཱ་ན་ཤཱི་ལ་”འཁོད། བསྟན་འགྱུར་རྒྱུད་པུ་པར་བཞུགས།
འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ (3)
Part of speech མིང་ཚིག
Definition སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པའི་འཕགས་པ་མི་གཡོ་བའི་སྒྲུབ་ཐབས། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་ཅུ་པར་བཞུགས།
འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ (4)
Part of speech མིང་ཚིག
Definition བླ་མ་གསེར་གླིང་པས་མཛད་པའི་འཕགས་པ་མི་གཡོ་བའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་པུ་པར་བཞུགས།
འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ (5)
Part of speech མིང་ཚིག
Definition འཕགས་པ་མི་གཡོ་བའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་གེ་པར་བཞུགས།