6689
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱིར་གསང་སྔགས་ཀྱི་རྫས་དང་ལྟ་སྤྱོད་རླབས་པོ་ཆེ་ལྟ་བུ་གཞན་ལ་གསང་རྒྱའི་སྒོ་ནས་ཉམས་སུ་བླང་བྱའི་བོན་ལྟ་བུ་མ་ཡིན་པས་གཞན་ལ་བཤད་ཀྱང་འགལ་བ་མེད་མོད། འོན་ཀྱང་རང་གི་སློབ་དཔོན་དང་མཆེད་གྲོགས་དག་གིས་རང་གཞན་ལ་ཕན་པ་སོགས་ཀྱི་ཆེད་དུ་གསོངས་ཤིག་ཅེས་བཀའ་ཡིས་བསྒོས་ནས་གསང་བྱར་བསྟན་པའི་ཚིག་དོན་དེ་རྣམས་སོ། །དེ་ཡང་འགུ་ཡ་ལས། གཉེར་གཏད་པ་ཡི་གསང་བ་ནི། མ་གསང་སྨྲས་ཀྱང་འགལ་མེད་ཀྱང་། སློབ་དཔོན་དང་ནི་གྲོགས་མཆེད་ཀྱིས། གསོངས་ཤིག་ཅེས་གདམས་ཚིག་རྣམས་སོ། །ཞེས་པས་ངེས་སོ། །གསང་བའི་དགོས་པ་དང་སྲུང་ཐབས་བཅས་ནི། ཕྱི་གསང་དང་བར་གསང་དག་གི་སྐབས་སུ་གཟིགས་པར་འཚལ། |
| Domain | ཆོས་ལུགས། |