66914
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་ཨ་བྷ་ཡ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་སྦལ་རྡོ་རྗེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདི་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“འདི་བོད་མ་ཡིན་པར་སྣང་སྟེ་སྔ་མ་རྣམས་ཀྱིས་བྲིས་སྣང་བས་འདིར་བཞུགས་སུ་བཅུག་པ་ཡིན་ནོ། ། ” ཞེས་འཁོད། |