66917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པའི་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འགྱུར་བྱང་གི་མཐར་ཐམས་ཅད་འདི་ལས་བྱུང་བའི་ཕྱིར། ། གཞི་ཡི་སངས་རྒྱས་སྐྱེ་བ་བཞེས། ། སོགས་ཤོ་ལོ་ཀ་བཞི་དང་ཕྱེད་བཞུགས། བསྟན་འགྱུར་རྒྱུད་ངུ་པར་བཞུགས།