66960
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ལུགས། མདོ། ཕར་ཕྱིན། འཕགས་པ་འོག་མ་དང་སྡེ་ཚན་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་དང་འཕགས་པ་འོག་མ་དང་སྡེ་ཚན་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་གང་རུང་ཡང་ཡིན། རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པ་ཡང་ཡིན་པའི་གཞིར་མཐུན་པར་དམིགས་པ། རང་ཉིད་འཕགས་པ་འོག་མ་དང་སྡེ་ཚན་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཉན་ཐོས་དང་སྡེ་ཚན་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་བདུན། བྱང་སེམས་དང་སྡེ་ཚན་ཐུན་མོང་པའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་བཞི་སྟེ། ཀུན་དྲིལ་བས་བདུན་ཅུ་རྩ་གཅིག་ཏུ་ཡོད། དང་པོའི་མཚན་གཞི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དྲན་པ་ཉེར་གཞག་ནས་བཟུང་སྟེ་དེའི་རྒྱུད་ཀྱི་འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་བྱང་ཕྱོགས་སོ་བདུན་ལ་བྱེད། གཉིས་པ་ནི། དེའི་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ནས་དེའི་རྒྱུད་ཀྱི་སྦྱིན་སོགས་ཕར་ཕྱིན་བཅུའི་བར་གྱི་སུམ་ཅུ་རྩ་བཞི་ལ་བྱེད། |