67046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་རྣམ་གྲོལ་སྡེ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་ནང་པའི་མཁས་པ་ཆེན་པོ་ཞིག་གི་མཚན། དུས་རབས་ལྔ་བ་ཙམ་ལ་རྒྱ་གར་དབུས་སུ་འཁྲུངས་ཤིང་། ནང་པའི་ཆོས་སྒོར་ཞུགས་ཤིང་། སློབ་དཔོན་དབྱིག་གཉེན་དང་དགེ་འདུན་སྐྱབས་བཤེས་གཉེན་དུ་བསྟེན་ནས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཉི་ཁྲི་སྣང་བ་ཞེས་པ་མཛད། ཁོང་ནི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ཡ་གྱལ་ཕར་ཕྱིན་རང་ལས་མཁས་པ་དེ་ཡིན་ཞིང་། གཙུག་ལག་ཁང་རྒྱ་ཆེན་དུ་མའི་བདག་པོའང་མཛད།

{{#arraymap:འཕགས་པ་རྣམ་གྲོལ་སྡེ་

|; |@@@ | | }}