6710
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གསུམ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༡༦༤ ལོར་གཉོས་ནག་གྲགས་པ་དཔལ་གྱི་སྲས་སུ་སྐུ་འཁྲུངས། བླ་མ་ཞང་གིས་ནག་པོ་སྤྱོད་པ་བར་ངོས་བཟུང་། ཡབ་ཆེན་ལས་ཆོས་རྣམས་ལེགས་པར་བསླབས། མཚན་ཉིད་ལ་ཡང་སྦྱངས་པ་ཆེན་པོ་མཛད། མལ་གྲོར་བྱོན་ཏེ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་དང་མཇལ། སེམས་བསྐྱེད་ཞུས། འབྲི་གུང་ཆོས་རྗེས་བཀའ་ལྟར་ཐག་མ་རྡོར་གཞོན་དང་། སྦལ་ཏི་དགྲ་བཅོམ་ལས་བསྙེན་རྫོགས་བསྒྲུབས། འདུལ་བའི་ཆོས་སྐོར་གསན། འབྲི་གུང་བྱང་ཆུབ་གླིང་དུ་ཕེབས། ཆོས་རྗེ་སྐྱོབ་པ་ལས་གདམས་ངག་ཐམས་ཅད་ལ་གསན། སྒྲུབ་པ་ཉམས་ལེན་མཛད། ལུས་ལོངས་སྤྱོད་དང་འཁོར་ཐམས་ཅད་འབྲི་གུང་སྐྱོབ་པ་ལ་ཕུལ། དུས་ཕྱིས་སུ་ཏི་སེའི་ལྷ་ནང་དུ་སྒྲུབ་པར་མཛད་པས་རྒྱལ་བ་ལྷ་ནང་པར་གྲགས། ཕྱག་ཕྱིར་དགེ་འདུན་དཔག་མེད་འདུས་ནས་ལྷོ་མོན་དང་དབུས་གཙང་དུ་དགེ་འདུན་གྱི་ཚོགས་པ་བསྐྱངས། ཆོས་ཀྱི་འཁོར་ལོ་བསྐོར། སྐུ་ཚེའི་སྨད་ལ་བྱང་དུ་ལྷ་ཐེལ་རིན་ཆེན་གླིང་གསར་འདེབས་མཛད། རེ་གཅིག་པ་རབ་བྱུང་བཞི་པའི་ཤིང་སྤྲེལ་ཕྱི་ལོ་ ༡༢༢༤ ལོར་སྐུ་གཤེགས། འབྲི་གུང་ཆོས་རྗེ་སྐྱོབ་པའི་ཐུགས་སྲས་བརྒྱད་ཀྱི་ཡ་གྱལ་ཡིན། |
{{#arraymap:གཉོས་རྒྱལ་བ་ལྷ་ནང་སངས་རྒྱས་རིན་ཆེན་
|; |@@@ | | }}