67119
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྤས་པས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད། རྒྱ་གར་གྱི་མཁན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་དང་། བནྡེ་ཤེས་རབ་དཔལ་གྱིས་བསྒྱུར། བུ་སྟོན་དང་་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་“བརྒྱད་སྟོང་པ་མངོན་རྟོགས་རྒྱན་དང་སྦྱར་བའི་འགྲེལ་པ་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ཤེས་རབ་དཔལ་གྱིས་བསྒྱུར་བ། སྡེ་དཀར་དུ་བརྒྱད་སྟོང་པ་མངོན་རྟོགས་རྒྱན་དང་སྦྱར་བའི་འགྲེལ་པ་སློབ་དཔོན་འཇིགས་མེད་འབྱུང་གནས་སྤས་པས་མཛད་པ། ཞེས་པ་ལ་ཆོས་ཚན་གཅིག་བྱས་ཏེ་མ་བྱང་ཞེས་མཆན་དང་། གཞུང་འདི་ཉིད་ཀྱི་མཚན་བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་པ་ལ་ཆོས་ཚན་གཅིག་བྱས་ཏེ་གཉིས་སུ་བགྲངས་འདུག བསྟན་འགྱུར་ཤེས་ཕྱིན་ད་པར་བཞུགས། |
{{#arraymap:འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་
|; |@@@ | | }}