67228
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། འགྱུར་བྱང་གི་རྗེས་སུ་པེ་ཅིང་པར་མ་ལ་ཨ་ཏི་ཤ་སྐྱེས་བུ་ཆེན་པོས་ལྷ་བཙུན་པ་བྱང་ཆུབ་འོད་ཟེར་འབྲོམ་སྟོན་པ་དང་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། གསུམ་ལ་གསུངས་པའོ། ། འབྲོམ་སྟོན་པས་ཀྱང་རིན་པོ་ཆེ་དང་། དེས་བྱ་ཡུལ་བ་ལ་གསུངས། འཇམ་བུ་གླིང་གི་སྒྲུབ་ཐབས་གཅིག་ལ་འདི་ཟབ་གསུང་ངོ་། ། ཇོ་བོས་བོད་དུ་ལོ་བཅུ་བཞི་བཞུགས་ཏེ། བདུན་ཅུ་རྩ་བདུན་ལ་འདས་སོ། ། ཇོ་བོས་བོད་དུ་ལོ་བཅུ་བཞི་བཞུགས་ཏེ། བདུན་ཅུ་རྩ་བདུན་ལ་འདས་སོ། ། སྟོན་པས་ལོ་བཅུ་གསུམ་བསྟེན། རྣལ་འབྱོར་པ་དང་དགོན་པ་གཉིས་ཀྱིས་དགུ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་དང་། ཕྱག་པ་ཁྲི་མཆོག་ཕྱག་དར་སྟོན་པ་གསུམ་གྱིས་ལོ་ལྔ་ལྔའོ། ། དགེ་བཤེས་གསང་ཕུ་བས་ལོ་བཅུ་བསྟེན་ནོ། ། བསྟན་འགྱུར་རྒྱུད་ནུ་པར་བཞུགས། |
{{#arraymap:འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས་
|; |@@@ | | }}