67250
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། འཕགས་པའི་གང་ཟག་ནི་བདུན་ཏེ། དད་པས་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །གང་ཟག་བདུན་པོ་དེ་དག་ཀྱང་སྦྱོར་བས་བྱས་པ་ལས་ནི་དང་པོ་གཉིས་ཏེ། དང་པོ་སྦྱོར་ལམ་ལ་སོགས་པའི་དུས་ནས་གཞན་གྱི་དྲིང་ལ་འཇོག་པ་དང་མི་འཇོག་པའི་ཕྱིར་རོ། །དབང་པོས་བྱས་པ་ལས་ནི་གསུམ་པ་དང་བཞི་པ་སྟེ། གཉིས་ཀ་ལ་གཉིས་ཀ་ཡོད་ཀྱང་དད་པས་མོས་པ་ལྷག་པ་དང་ཤེས་རབ་ལྷག་པར་ཡོད་པའི་སྒོ་ནས་རིམ་པ་ལྟར་དབང་པོ་རྟུལ་བ་དང་རྣོ་བའི་ཕྱིར་རོ། །སྙོམས་འཇུག་གིས་བྱས་པ་ལས་ནི་ལྔ་པ་སྟེ། འགོག་པའི་སྙོམས་འཇུག་ལུས་ཀྱིས་མངོན་སུམ་དུ་བྱེད་ནུས་པའི་ཕྱིར་རོ། །རྣམ་པར་གྲོལ་བས་བྱས་པ་ལས་ནི་དྲུག་པ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བའི་ཕྱིར་རོ། །སྙོམས་པར་འཇུག་པ་དང་རྣམ་པར་གྲོལ་བ་གཉིས་ཀས་བྱས་པ་ལས་ནི་བདུན་པ་སྟེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཀྱིས་རིམ་པ་ལྟར་སྙོམས་འཇུག་དང་ཉོན་མོངས་པའི་སྒྲིབ་པའི་ཆ་གཉིས་ཀ་ལས་གྲོལ་བའི་ཕྱིར་རོ། །དེ་ལྟར་ན་མིང་གི་སྒོ་ནས་བདུན་ཡིན་ལ་བདུན་པོ་དེ་དག་ཀྱང་རྫས་སུ་ནི་དྲུག་ཡིན་ཏེ། འདི་ལྟར་མཐོང་སྒོམ་མི་སློབ་པའི་ལམ་གསུམ་པོ་ལ་དབང་པོ་རྣོ་རྟུལ་གྱིས་རིམ་པ་ལྟར་དད་པས་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་དང་། དད་མོས་མཐོང་ཐོབ་དང་། དུས་དང་སྦྱོར་བ་དང་མི་སྦྱོར་བའི་གང་ཟག་གཉིས་གཉིས་ཡིན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འཕགས་པའི་གང་ཟག་བདུན་
|; |@@@ | | }}