6726

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཎྜི་ཚུལ་ཇི་ལྟར་དུ་བརྡུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གཎྜི་ཇི་ལྟར་བརྡུང་བའི་ཚུལ་ཞེས་པ་དང་དོན་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཚུལ་ཇི་ལྟར་བརྡུང་བའི་ཚུལ་ཡོད་དེ། གཙུག་ལག་ཁང་གི་མཐོ་བའི་ཕྱོགས་སུ་ཚུལ་དང་མཐུན་པར་བརྡུང་བར་བྱ་བ་ཡིན་པའི་ཕྱིར། ཚུལ་དང་མཐུན་པར་བརྡུང་ཚུལ་ཡང་ཡོད་དེ། དགེ་འདུན་ཟས་ལ་བསྡུ་བའི་ཕྱིར་དུ་རྒྱུད་གསུམ་དང་ཏོག་གསུམ། ལས་ལ་བསྡུ་བའི་ཕྱིར་ནི་རྒྱུད་གཅིག་དང་ཏོག་གསུམ། ཁ་ཅིག ། ལས་ལ་ནི་རྒྱུད་གསུམ་དང་ཏོག་གཉིས་ཞེས་པའང་ཡོད་ལ། ལོ་ཐོག་གི་སེར་བ་བཟློག་པ་སོགས་ཀྱི་ཆེད་དུ་ནི་ཇི་ཙམ་དགོས་པ་དེ་ཙམ་དུ་བརྡུང་བར་བྱ་བ་ཡིན་པའི་ཕྱིར། རྒྱུད་གསུམ་གྱི་ཚད་ཡོད་དེ། རྒྱུད་རེ་རེ་ལ་སུམ་ཅུ་རྩ་ལྔ་རེ་བརྡུང་བར་བྱ་བ་ཡིན་པའི་ཕྱིར། ཆུང་སྐད་ནས་ཆེ་སྐད་ཀྱི་བར་བཅོ་བརྒྱད་དང་། ཆེ་སྐད་ནས་ཆུང་སྐད་ཀྱི་བར་བཅུ་བདུན་བརྡུང་བར་བྱ་བ་ཡིན་པའི་ཕྱིར། གོང་དུ་བཤད་པ་རྣམས་འཆད་པ་ལ། མདོར། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་། །དེའི་གནས་ནི་ཁང་སྟེང་ངོ་། །དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ །ལས་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ཁ་ཅིག་ལས་ནི་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གཎྜི་ཚུལ་ཇི་ལྟར་དུ་བརྡུང་བ་

|; |@@@ | | }}