6727
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། གཎྜི་རྟེན་གྱི་གང་ཟག་གང་གིས་བརྡུང་བ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རྟེན་གྱི་གང་ཟག་གང་གིས་བརྡུང་བ་ཡོད་དེ། དགེ་སློང་རྣམ་པར་དག་པས་བརྡུང་བར་མ་ཟད། དགེ་སློང་ཆད་ལས་ལ་གནས་པ་དང་། དགེ་ཚུལ་དང་དགེ་བསྙེན་གསོ་སྦྱོང་ལ་གནས་པ་དག་གིས་ཀྱང་བརྡུང་བར་བྱ་བ་ཡིན་པའི་ཕྱིར། དྲུག་པ་དང་བདུན་པ་ཡོད་དེ། གཎྜི་ཚུལ་བཞིན་དུ་བརྡུང་ན་ནད་མེད་པ་དང་། ལོ་ལེགས་པ་སོགས་ཀྱི་ཕན་ཡོན་འབྱུང་ལ། མ་བརྡུངས་ན་དེ་ལས་བཟློག་པ་འབྱུང་བའི་ཕྱིར། འོ་ན། གཞི་གསུམ་ཆོ་གར་གཎྜི་མདོ་དྲངས་ནས། གཎྜི་ཤེར་ཕྱིན་གྱི་ངོ་བོར་མོས་ནས་རབ་གནས་བྱེད་པར་གསུངས་པ་དང་། བརྡུང་བ་པོ་ཡང་དགེ་སློང་དང་། དགེ་ཚུལ་ཚུལ་ཁྲིམས་རྣམ་པར་དག་པ་དང་། དགེ་བསྙེན་གསོ་སྦྱོང་ལ་གནས་པས་བརྡུང་བར་གསུངས་ཤིང་། འདུལ་བའི་ལུང་དགོངས་འགྲེལ་དང་བཅས་པ་ལས། ཆད་ལས་ལ་གནས་པས་བརྡུང་བ་དང་། རྐུན་པོ་བྱུང་བའི་ཚེ་གཎྜི་དང་གཎ་གཡོག་རྣམས་འཕེན་པར་བཤད་པ་རྣམས་མི་མཐུན་པས་འགལ་ལོ་ཞེ་ན། དོགས་གཞི་ཆེ་ཙམ་འདུག་པས། འདུལ་འཛིན་རྣམས་ཀྱིས་ལན་གདབ་པར་འོས་ནའང་སྔོན་ཆད་རྣ་བར་སོན་པ་མ་བྱུང་ལ། ཁོ་བོ་ནི་དེ་གཉིས་མི་འགལ་བའི་རྒྱུ་མཚན། གཎྜིའི་མདོ་ཐེག་ཆེན་གྱི་མདོ་ཡིན་པས་ལུགས་གཞན་ཡིན་ནོ། །ཞེས་སྨྲ་བར་བྱེད་དོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:གཎྜི་རྟེན་གྱི་གང་ཟག་གང་གིས་བརྡུང་བ་
|; |@@@ | | }}